20552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། དཀོན་ཅོག་འགྲེལ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་པའོ། །ཞེས་དང་། འོད་གསལ་སྙིང་པོ་ལས། ཆོས་ཐམས་ཅད་དབྱེར་མེད་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གནས་པའི་རང་བཞིན་གྱི་དཀྱིལ་འཁོར་ཡུལ་དུ་བྱས་ནས་བསྒོམ་པ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:ཏིང་ངེ་འཛིན་གྱི་དཀྱིལ་འཁོར་

|; |@@@ | | }}

ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ (2)
Part of speech མིང་ཚིག
Definition སྡོམ་གསུམ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སོ་སོའི་སྐྱེ་བོའི་རྡོ་རྗེ་སློབ་དཔོན་དང་འཕགས་པའི་གང་ཟག་འགའ་ཞིག་གིས་ལུས་ངག་གི་བྱེད་པ་མེད་པར་ཏིང་ངེ་འཛིན་འབའ་ཞིག་གིས་ས་ཆོག་ནས། མཇུག་གི་ཆོ་ག་ཚང་བའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བཞེངས་པའོ། །འདི་ལ་ཏིང་ངེ་འཛིན་བརྟན་མི་བརྟན་གྱི་བྱེ་བྲག་གིས་དཀྱིལ་འཁོར་རང་གིས་ལྟ་ནུས་ཤིང་གཞན་ལ་ཡང་བསྟན་ནུས་པ་དང། རང་གིས་ལྟ་ནུས་ཀྱི་གཞན་ལ་བསྟན་མི་ནུས་པ་གཅིག་ཡོད་དོ་ཞེས་བླ་མ་གསུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །

{{#arraymap:ཏིང་ངེ་འཛིན་གྱི་དཀྱིལ་འཁོར་

|; |@@@ | | }}