From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏིང་ངེ་འཛིན་གྱི་དབང་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་གི་དམིགས་པ་དེ་ལ་རྩེ་གཅིག་ཏུ་གནས་པ་ལ་ལྷག་པར་དབང་བྱེད་པའི་སེམས་བྱུང་ཞིག་ལ་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བརྗོད། དེ་ལྟར་པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། གཙོ་བོར་རང་སྟོབས་ཀྱིས་བདེན་བཞིའི་གནས་ལུགས་ལ་རྩེ་གཅིག་པའི་སེམས་བྱུང། ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད། ཅེས་གསུངས།
|
| Domain
|
ཆོས་ལུགས།
|
ཏིང་ངེ་འཛིན་གྱི་དབང་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
བདེན་བཞིའི་བླང་དོར་ལ་སེམས་རྩེ་གཅིག་ཏུ་འཛིན་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་སྦྱོར་ལམ་ཐོབ་པའི་མཁྱེན་པར་དམིགས་པ། ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད།
|
ཏིང་ངེ་འཛིན་གྱི་དབང་པོ་ (3)
| Part of speech
|
མིང་ཚིག
|
| Definition
|
ཀུན་མཁྱེན་གོ་རམས་པའི་གསུང་ལས། མཚན་ཉིད། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་གང་ཞིག བདེན་པ་ལ་རྩེ་གཅིག་པའི་སེམས་བྱུང་ངོ་། །ཞེས་དང། པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། དབང་པོ་གང་ཞིག་བདེན་པ་བཞིའི་དམིགས་པ་ལ་རྩེ་གཅིག་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པ་དེ། ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད་དོ། །ཞེས་གསུངས།
|