20566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གྱི་བྱེ་བྲག་ལ་འཇུག་པའི་ཡེ་ཤེས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ལས་བྱུང་བ་སྟེ། ཤར་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ནུབ་ཕྱོགས་ནས་རྣམ་པར་ལྡང་བ། ནུབ་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་ནས་རྣམ་པར་ལྡང་བ། ཤར་དང་བྱང་གི་མཚམས་སུ་སྙོམས་པར་ཞུགས་ཏེ། ལྷོ་དང་ནུབ་ཀྱི་མཚམས་ནས་རྣམ་པར་ལྡང་བ། ལྷོ་དང་ནུབ་ཀྱི་མཚམས་སུ་སྙོམས་པར་ཞུགས་ཏེ། ཤར་དང་བྱང་གི་མཚམས་ནས་རྣམ་པར་ལྡང་བ། ལྷོ་ཕྱོགས་སུ་སྙོམས་པར་ཞུགས་ཏེ། བྱང་ཕྱོགས་ནས་རྣམ་པར་ལྡང་བ། བྱང་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ལྷོ་ཕྱོགས་ནས་རྣམ་པར་ལྡང་བ། ནུབ་དང་བྱང་གི་མཚམས་སུ་སྙོམས་པར་ཞུགས་ཏེ། ཤར་དང་ལྷོའི་མཚམས་ནས་རྣམ་པར་ལྡང་བ། ཤར་དང་ལྷོའི་མཚམས་སུ་སྙོམས་པར་བཞུགས་ཏེ། ནུབ་དང་བྱང་གི་མཚམས་ནས་རྣམ་པར་ལྡང་བ། འོག་གི་ཕྱོགས་སུ་སྙོམས་པར་ཞུགས་ཏེ། སྟེང་གི་ཕྱོགས་ནས་རྣམ་པར་ལྡང་བ། སྟེང་གི་ཕྱོགས་སུ་སྙོམས་པར་ཞུགས་ཤིང༌། འོག་གི་ཕྱོགས་ནས་རྣམ་པར་ལྡང་བའོ། །
Domain ཆོས་ལུགས།