From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། བསྟན་འགྱུར་རྒྱུད་ཟི་པར་བཞུགས། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
|
ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། རྒྱ་གར་གྱི་མཁན་པོ་བིརྱ་ཙནྡྲ་ལས་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཀི་པར་བཞུགས།
|
ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ (3)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། རྒྱ་གར་གྱི་མཁན་པོ་ཀྲྀ་ཥྞ་པ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཀི་པར་བཞུགས།
|