From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏིང་ངེ་འཛིན་གྱི་ལེའུ་ (1)
| Part of speech
|
མིང་ཚིག
|
| Definition
|
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྡེ་ཚན་ཞིག བཀའ་འགྱུར་འབུམ་ག་པར་བཞུགས།
|
ཏིང་ངེ་འཛིན་གྱི་ལེའུ་ (2)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་ཁྲི་པ་ང་པར་བཞུགས།
|
ཏིང་ངེ་འཛིན་གྱི་ལེའུ་ (3)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་ད་པར་བཞུགས།
|
ཏིང་ངེ་འཛིན་གྱི་ལེའུ་ (4)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་ཝ་པར་བཞུགས།
|
ཏིང་ངེ་འཛིན་གྱི་ལེའུ་ (5)
| Part of speech
|
མིང་ཚིག
|
| Definition
|
བཀའ་འགྱུར་རྙིང་རྒྱུད་ག་པར་བཞུགས།
|
ཏིང་ངེ་འཛིན་གྱི་ལེའུ་ (6)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། མདོ། མངོན་པ། སྒྲུབ་པའི་ལེའུ་གསུམ་གྱི་ནང་གསེས་སམ་ལྔ་བརྒྱ་པ་ཕྲག་བཅུའི་ནང་གསེས་ཤིག་སྟེ། དེ་ཡང་ལྔ་བརྒྱ་པ་ཕྲག་ལྔ་པའི་དུས་སུ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཉམས་སུ་ལེན་པའི་གང་ཟག་མང་དུ་འབྱུང་བའི་དུས་ཡིན་པས་ཏིང་ངེ་འཛིན་གྱི་བསླབ་པའི་དུས་ཀྱི་ལེའུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་སྒྲུབ་པའི་ལེའུ་སྟེ་རིམ་པ་བཞིན་ལྷག་པའི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། ཞེས་གསུངས།
|
ཏིང་ངེ་འཛིན་གྱི་ལེའུ་ (7)
| Part of speech
|
མིང་ཚིག
|
| Definition
|
བསྟན་པའི་གནས་ཚད་ཀྱི་ལེའུ་བཅུ་ལས་རིམ་པ་ལྔ་པ་སྟེ། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་ ༡༡༢༠ ནས་ ༡༦༢༠ ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་ ༧༨༣ ནས་ ༡༢༨༣ ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ལྔ་བརྒྱ་ཡོད། རྩིས་གཞུང་ཉིན་བྱེད་སྣང་བ་ལས། རིམ་པར་ཤེས་རབ་ཏིང་འཛིན་དང་། །ཞེས་བྱུང་།
|
| Domain
|
རྩིས་རིག
|