20583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། གནས་དང་། ཉེ་གནས་དང་། ཞིང་དང་། ཉེ་ཞིང་དང་། འདུན་པ་དང་། ཉེ་བའི་འདུན་པ་དང་། འདུས་པ་དང་། ཉེ་བའི་འདུས་པ་དང་། དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དང་། འཐུང་སྤྱོད་དང་། ཉེ་བའི་འཐུང་སྤྱོད་རྣམས་སོ། །གཞན་ཡང་། ཀུན་ཏུ་འོད་ཀྱི་ས་དང་། བདུད་རྩིའི་འོད། ནམ་མཁའིི་འོད། རྡོ་རྗེ་འོད། རིན་ཆེན་འོད། པདྨའི་འོད། སངས་རྒྱས་ཀྱི་ལས་བྱེད་པའི་ས། དཔེ་མེད་པའི་ས། དཔེ་ཐམས་ཅད་པའིི་ས། ཤེས་རབ་འོད་ཀྱི་ས། ཐམས་ཅད་མཁྱེན་པའི་ས། སོ་སོའི་བདག་ཉིད་རིག་པའི་ས་སྟེ་བཅུ་གཉིས་སོ། །
Domain ཆོས་ལུགས།