20597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་ཐོབ་པར་བྱ་བ་ལ་བརྩོན་པས་རིག་པར་བྱ་བའི་ཆོས་བདུན་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ནང་གི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི། ལེ་ལོའོ། ། ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི། རྒོད་པའོ། །ནང་གི་ཏིང་ངེ་འཛིན་ཉམས་པ་ནི། རྨུགས་པ་དང་གཉིད་དོ། །ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པ་ནི། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྗེས་སུ་རྣམ་པར་གཡེང་བའོ། །ནང་གི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི། སོ་སོར་རྟོག་པའི་མཚན་མ་ལེགས་པར་གཟུང་བ་ཉིད་དོ། །ཕྱི་རོལ་གྱི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི། ལུས་འདི་ཉིད་ལ་མི་སྡུག་པར་སོ་སོར་རྟོག་པའོ། །དེ་གཉི་གའི་གཉེན་པོའི་གཞི་ནི། སྣང་བའི་འདུ་ཤེས་སོ། །
Domain ཆོས་ལུགས།