20600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་དྲྭ་བའི་ལེའུ་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་དྲྭ་བའི་ལེའུ། ཞེས་པ་འདི་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་གི་ལེའུ་བྱེ་བྲག་པ་ཞིག་ཡིན་པར་གསུངས་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །ཞེས་པ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་གི་ནང་ནས་ཏིང་ངེ་འཛིན་དྲྭ་བའི་ལེའུ་ཡང་གསང་བཅུད་དྲིལ་ཡང་སྙིང་གི་ཚུལ་བསྟན་པའོ། །ཞེས་དང་། རྒྱུད་ཆེན་པོ་ལེའུ་ཁྲི་ཕྲག་དྲུག་ཁྲི་དྲུག་སྟོང་གི་ནང་ནས། ཏིང་ངེ་འཛིན་དྲྭ་བའི་ལེའུ་ཕྱུངས་ཏེ་བོད་སྐད་དུ་བསྒྱུར་ཏོ། །ཞེས་གསུངས། འདི་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཡིན།