20605
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ རྣ་བ་གཏོད་པ་ནི། འདུན་པ་སྐྱེས་ཤིང་དད་པ་སྐྱེས་ནས་དམ་པའི་ཆོས་ཉན་པར་བྱེད་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་སེམས་རྩེ་གཅིག་པ་ཉིད་ཐོབ་པར་འགྱུར་རོ། ། ༢ ལེགས་པར་འདོམས་པ་ནི། གོ་རིམ་བཞིན་དུ་འདོམས་པ་དང༌། ཕྱིན་ཅི་མ་ལོག་པར་འདོམས་པ་ལ་བརྟེན་ནས། བརྩོན་འགྲུས་བརྩམས་ཏེ་གནས་ཤིང་བརྩོན་པས། རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་རྒྱུན་དུ་ཆུད་པ་དང༌། རྟག་འགྲུས་ཀྱིས་སྒོམ་པར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ། ། ༣ སྔོན་གོམས་པ་ནི། བསམ་གཏན་དང་སྙོམས་པར་འཇུག་པ་དག་ལ་དུས་ཉེ་བ་དང༌། ཁད་ཉེ་བར་སྙོམས་པར་ཞུགས་པ་ཡིན་ཏེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ། ། ༤ མང་དུ་ཐོས་པ་ནི། ཐོས་པ་མང་བ་དང༌། ཐོས་པ་འཛིན་པ་དང༌། ཐོས་པ་བསགས་པ་ཡིན་ཞིང༌། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ལ་སེམས་པར་བྱེད། འཇལ་བར་བྱེད་ཉེ་བར་རྟོགས་པར་བྱེད་པ་དེས་རྒྱུ་དེ་དང་རྐྱེན་དེས་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ། ། |
| Domain | ཆོས་ལུགས། |