20612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། བྱང་ཆུབ་ཀྱི་གང་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག་གང་ཞིག བསམ་པའི་དོན་ཐམས་ཅད་འབྱོར་པར་བྱེད་པའི་སེམས་བྱུང་ངོ་། །ཞེས་དང། པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། གང་དུ་ཡང་ཉོན་མོངས་པར་མ་གྱུར་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཏིང་ངེ་འཛིན་དེ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

|; |@@@ | | }}

ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ (2)
Part of speech མིང་ཚིག
Definition ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཁྱིམ་བདག་རིན་པོ་ཆེ་དང་ཆོས་མཚུངས་ཏེ། ཁྱིམ་བདག་དེས་འཁོར་ལོས་བསྒྱུར་རྒྱལ་གྱི་འདོད་པའི་དོན་སྒྲུབ་པར་བྱེད་པ་ལྟར་དུ་འདིས་ཀྱང་བྱང་སེམས་མཐོང་ལམ་པའི་འདོད་པའི་དོན་འབྱོར་བར་བྱེད་པའི་ཕྱིར།

{{#arraymap:ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

|; |@@@ | | }}