20614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུདྲ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རུ་དྲ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། དེ་ནི་ཏིང་ངེ་འཛིན་གྱི་ཉམས་འཕེལ་བས་རྒྱ་མཚོའི་གླིང་དུ་ཕྱིན་ཙམ་ན་གང་ལ་བལྟས་པ་ཐམས་ཅད་ནོར་བུ་རིན་པོ་ཆེར་འདུག་པ་ལྟ་བུའོ། །ཞེས་དང་། རུ་དྲ་ལམ་སྲོང་ལས། སྔོན་ནས་ཞེན་པའི་བག་ཆགས་དག ། འདས་པའི་དུས་ན་སྔོན་བྱུང་ལྟར། །བླ་མས་གསལ་བྱས་སེལ་འགྱུར་བས། །ནོར་བས་ཡིད་ཆེས་འགྱོད་པ་ཉིད། །གདུལ་བྱའི་ཞེན་པ་སྔོན་བསལ་ནས། །རང་སེམས་སྙིང་པོ་མཐོང་བའི་རྒྱུ། །ད་ལྟ་ཉིད་དུ་མངོན་པར་སྣང༌། །བླ་མ་དབང་པོ་ཐམས་ཅད་ལ། །མཉེས་ཤིང་ཚོགས་ཀྱིས་གུས་མཆོད་ཅིང༌། །ཞེས་པ་བཞིན། ཕྱེ་ན་དབྱེ་བ་གསུམ་སྟེ། གདུལ་བྱེད་དྲག་པོའི་སྟོབས་ཀྱིས་སྔོན་གྱི་ལས་དྲན་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་དང། སྨྲེ་སྔགས་དྲག་པོའི་ཤུགས་ཀྱིས་གདུང་བ་ཆད་དེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་དང། དབང་དང་གདམས་ངག་དྲག་པོའི་བྱིན་རླབས་ཀྱིས་རིག་པའི་ཉམས་འཕེལ་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའོ། །འདི་ཉིད་མདོ་དགོངས་པ་འདུས་པའི་ལེའུ་ཉེར་བདུན་པ་ནས་སུམ་ཅུ་པའི་བར་གྱིས་སྟོན་ཞེས་དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ཏུ་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]