20617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ༡ ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ནི། ས་འོག་མ་ལ་སྐྱོན་དུ་ལྟ་ཞིང་ས་གོང་མ་ལ་ཡོན་ཏན་དུ་ལྟ་བའི་འཇིག་རྟེན་པའི་བསམ་གཏན་མི་ལྕོགས་སུ་མི་རུང་བ་དང་། བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། དྲུག་གོ ། ༢ ཟག་པ་མེད་པ་དང་བཅས་པའི་ཏིང་ངེ་འཛིན་ནི། འཕགས་པའི་ལམ་ཡན་ལག་བརྒྱད་ལ་སྙོམས་པར་ཞུགས་པའོ། །
Domain ཆོས་ལུགས།