20623
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཐོང་ཆོས་ལ་བདེ་བར་གནས་པར་འགྱུར་པའི་ཏིང་ངེ་འཛིན་དང༌། ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་དང༌། ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་དང་བཞི་སྟེ། མཆིམས་མཛོད་ལས། ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ནི་རྣམ་པ་བཞི་སྟེ། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའང་ཡོད་ཅེས་བྱ་བ་ནས་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་པ་མཐོང་བར་འགྱུར་བའང་ཡོད། ཤེས་རབ་རབ་ཏུ་རྣམ་པར་འབྱེད་པར་འགྱུར་བའང་ཡོད། ཟག་པ་ཟད་པར་འགྱུར་བའང་ཡོད། ཅེས་གསུངས། |
| Domain | ཆོས་ལུགས། |