20624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་སྒོམ་པའི་སྐབས་ཀྱི་ཉེས་པ་ལྔ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་སྒོམ་པའི་སྐབས་ཀྱི་ལེ་ལོ་སོགས་ཉེས་པ་ལྔ་ལ་འཇོག་པ་ཡིན་ནོ། །ཉེས་པ་ལྔ་ཡོད་དེ། སྦྱོར་བའི་དུས་སུ་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་དང། གདམས་ངག་བརྗེད་པའི་ཉེས་པ་དང། དངོས་གཞིའི་དུས་སུ་བྱིང་རྒོད་འབྱུང་བ་དང། བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པ་དང། མ་བྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་བྱེད་པའི་ཉེས་པ་རྣམས་ཡོད་པའི་ཕྱིར་ཏེ། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས།
Domain ཆོས་ལུགས།