2064
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་རྫོགས་པ་ཆེན་པོའི་བཤད་རྒྱུད་བཞིའི་ནང་གསེས་ཏེ། ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ཐོས་པའི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་ང་བདུན། རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། རྒྱུད་ཕྱི་མ་ལ་སྒོམ་བྱུང་གི་ཤེས་རབ་གདམས་པ་ལེའུ་བཅོ་ལྔ་པ། ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། སྤྱིའི་བཤད་རྒྱུད་འཁོར་བ་བརྩད་གཅོད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་གསུམ། སྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད་ལེའུ་བདུན་པ། སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པ། འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པའོ། ། |
| Domain | ཆོས་ལུགས། |