From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏིང་འཛིན་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རིན་ཆེན་ཀུན་ཏུ་འཕགས། ཤིན་ཏུ་གནས་པ། མི་སྒུལ་བ། ཕྱིར་མི་ལྡོག་པ། རིན་ཆེན་འབྱུང་གནས། ཉི་མའི་འོད་ཀྱི་གཟི་བརྗིད། དོན་ཐམས་ཅད་གྲུབ་པ། ཡེ་ཤེས་སྒྲོན་མ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནོ། །
|
| Domain
|
ཆོས་ལུགས།
|
ཏིང་འཛིན་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། ཡིད་ལ་བྱེད་པའི་ཏིང་ངེ་འཛིན། གོམས་ཤིང་བརྟན་པ་ཐོབ་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན། འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན། གོམས་པ་ཐོབ་པའི་འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན། བརྟན་པ་ཐོབ་པའི་འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན། ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། གོམས་པ་ཐོབ་པའི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། བརྟན་པ་ཐོབ་པའི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་བཅུ་སྟེ། དེ་དག་རིམ་པར་འགྱུར་དབང་མ་ངེས་པའི་ས་ནས་རྫོགས་པ་སྤྱིར་ཆིབས་སའི་བར་ས་བཅུ་ལ་སྦྱོར་བར་གསུངས། སློབ་དཔོན་བདེ་བ་གསལ་མཛད་ཀྱི་ལུགས་ལྟར་ན། ཡིད་ལ་བྱེད་པའི་ཏིང་ངེ་འཛིན། རིན་ཆེན་མྱུ་གུའི་ཏིང་ངེ་འཛིན། དུག་འཇོམས་སྨན་གྱི་ཏིང་ངེ་འཛིན། རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན། མངོན་པར་རྟོགས་པའི་ཏིང་ངེ་འཛིན། མི་ཟད་མཛོད་ཀྱི་ཏིང་ངེ་འཛིན། འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན། ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན་གཉིས་གཅིག་ཏུ་བརྩིས་པའི་བཅུའོ། །
|