20656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་འཛིན་རབ་རྟོག་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་གསུམ་ཡོད་པ་ལས་གསུམ་པ་སྟེ། སེམས་མེད་ཀྱི་དངོས་པོས་སེམས་ལྡན་གྱི་བྱ་བ་བྱེད་བསམ་པ་མེད་བཞིན་དུ་ཡོད་པ་ལྟར་བཅོས་ནས་སྒྲོ་བཏགས་ཤིང་། བཞིན་ལ་སོགས་པ་རབ་རྟོག་གསལ་བྱེད་ཀྱི་སྒྲ་སྦྱར་ནས་བརྗོད་པའི་རྒྱན་ཞིག རྒྱན་འདི་ལ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་རྒྱལ་དབང་ལྔ་བ་སོགས་ཀྱིས་བཞེད་ཕྱོགས་མི་མཐུན་ལ། སེམས་མེད་རབ་རྟོག་གི་བྱེ་བྲག་གི་རྒྱན་ཞིག་ཏུ་འདོད་མིན་དང་། ཏིང་འཛིན་རབ་རྟོག་ཅེས་མིང་འདོགས་བྱེད་པ་བདེ་མིན། ལེའུ་དང་པོའི་ཏིང་འཛིན་དེ་བཞིན་ཐུན་མོང་མ་ཡིན་པའི་རྒྱན་ཞིག་མིན་པར་འགྱུར་བའི་རྐྱེན་དུ་འགྱུར་མིན་སོགས་ཀྱི་དོགས་གཅོད་གནང་ཡོད་ལ་བཞེད་ཕྱོགས་ཀྱང་མི་མཐུན་པ་ཡིན།
Example བོད་མཁས་པས། གཡེམ་ལ་རྗེས་ཆགས་སྔོ་བསངས་མཁའི་བུ་མོའི། །རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ། ། སྐྱ་རེངས་སྣང་བ་དང་འགྲོགས་སྲིད་པའི་མིག །བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བཞིན་རྒྱུ། །ཞེས་པ་ལྟ་བུ། རྒྱལ་དབང་ལྔ་བས། ཟླ་གཞོན་ཤར་བས་ཀུ་མུ་ད། །དགའ་བས་ཡང་ཡང་འཛུམ་པ་བཞིན། ། བུང་བའི་བཅུད་རྣམས་ཁྱེར་དོགས་ནས། །གེ་སར་སྐྲག་ནས་འདར་བ་བཞིན། །ལྟ་བུ།
Domain རྩོམ་རིག