20660
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། འཁོར་བ་ལ་ཡིད་སུན་པས་གཡེང་བ་འདུ་འཛིའི་གནས་སྤངས་ཤིང་དབེན་པའི་གནས་ལ་དགའ་བའི་དོན་གཉེར་ཅན་གང་དག་ཏིང་འཛིན་སྒོམ་པར་འཇུག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། འདུ་འཛི་སྤངས་ཤིང་དབེན་ལ་དགའ། མི་ཡིད་མི་འཇུག་འཁོར་བ་གཅོད། ཏིང་འཛིན་སྒོམ་པའི་དབང་རྣམས་བསྐུར། ཞེས་པས། དེ་ཡང་གཡེང་བ་འདུ་འཛིའི་གནས་སྤངས་ཤིང་དབེན་པའི་གནས་ལ་དགའ་བ་གཞན་གྱི་བློ་ལོག་པའི་དབང་དུ་མ་སོང་བ་འཁོར་བ་ལ་ཡིད་སུན་ཞིང་བདག་འཛིན་མ་རིག་པ་རྩད་ནས་གཅོད་པར་ནུས་པའི་དོན་གཉེར་ཅན་རྣམས་སོ། ། |
| Domain | ཆོས་ལུགས། |