207
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྟ་རྣའི་གནས་ལམ་ཀ་འགག་ལ་ཡོད་པའི་རང་བྱུང་གི་ཆུ་ཚན་ཞིག་ཡིན། རྟ་རྣའི་གནས་ཡིག་ལས། འདོད་འབྱུང་ཟག་མེད་བདུད་རྩིའི་ཁྲུས་ཁང་ཡོད།། ཅེས་པ་དེ་ཡིན་ལ། ད་དུང་ས་དེར་གཤིན་རྗེ་ཆོས་རྒྱལ་གྱི་གཟུགས་དང་། ལས་ཀྱི་བུ་ཆུང་དཀར་ནག དམྱལ་བའི་ཁྲོ་ཆུ། དམྱལ་ཟམ། ལས་ཀྱི་མེ་ལོང་། ཚེ་འདས་ཀྱི་གཟུགས། ཐར་བའི་ཞིང་ཁམས་སོགས་དམྱལ་བ་དང་ཞིང་ཁམས་ཀྱི་རྣམ་པ་ཤིན་ཏུ་གསལ་བ་ཡོད། དེ་ཡང་རྟ་རྣའི་གནས་ཡིག་ལས། དམྱལ་བར་འཇིག་བྱེད་དམྱལ་ཟམ་ཁོལ་མ་ཡོད།། འཆི་བ་དྲན་བྱེད་ཚེ་འདས་ལུས་གཟུགས་ལ།། རྒོད་དང་ཁྭ་ཏས་བསྐོར་བའི་རང་གཟུགས་ཡོད།། སྐལ་ལྡན་ཆོས་མཛད་བདེ་བའི་ཞིང་ཁམས་ཡོད།། ཅེས་གསུངས་པའི་དོན་དེ་ཡང་ཡིན་ནོ།། |
{{#arraymap:ཀ་འགག་ཆུ་ཚན་
|; |@@@ | | }}