20714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏུ་ (1)
Part of speech ཕྲད་ཚིག
Definition ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་ཏུ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་འཐོབ་པ་ཡིན།
Keyword True
Example ནུབ་ཏུ་འགྲོ། རྒྱབ་ཏུ་ཕྱོགས་ལྟ་བུ།
ཏུ་ (2)
Part of speech ཕྲད་ཚིག
Definition དགོས་ཆེད་ལ་འཇུག་པ། ཏུ་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། ཚུལ་རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་འཐོབ་པ་ཡིན།
Keyword True
Example འཇིགས་སྐྱོབ་ཏུ་བླ་མ་དྲན། ལྟོ་རྒྱབ་ཏུ་ཞིང་ལས་བྱས། དགྲ་འགོག་ཏུ་སྔོན་ལ་སོང་ལྟ་བུ།
ཏུ་ (3)
Part of speech ཕྲད་ཚིག
Definition རྟེན་གནས་ལ་འཇུག་པ། ཏུ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་འཐོབ་པ་ཡིན།
Keyword True
Example ཐབ་ཏུ་མེ་ཡོད། ཁང་ཐོག་ཏུ་དུད་ཁུང་ཡོད་ལྟ་བུ།
ཏུ་ (4)
Part of speech ཕྲད་ཚིག
Definition དེ་ཉིད་ལ་འཇུག་པ། ལ་དོན་གྱི་ཏུ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་འཐོབ་པ་ཡིན།
Keyword True
Example བདེན་ཚིག་ཏུ་གནས། ཇེ་ཟབ་ཏུ་བཏང་ལྟ་བུ།
ཏུ་ (5)
Part of speech ཕྲད་ཚིག
Definition ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་ཏུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་འཐོབ་པ་ཡིན།
Example རྟག་ཏུ་དྲན་ཤེས་བསྟེན། ཉི་ནུབ་ཏུ་ཚོགས་འདུ་གྲོལ་ལྟ་བུ།