2076
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ མངོན་པར་འདུ་བྱེད་པས་འཛིན་པ་ནི། རྣམ་པ་ལྔར་རིག་པར་བྱ་བ་སྟེ། རྗེས་སུ་ཆགས་པའི་མངོན་པར་འདུ་བྱེད་པ། ཁོང་ཁྲོ་བའི་མངོན་པར་འདུ་བྱེད་པ། ཕྲད་པའི་མངོན་པར་འདུ་བྱེད་པ། བྲལ་བའི་མངོན་པར་འདུ་བྱེད་པ། བཏང་སྙོམས་སུ་འཇོག་པའི་མངོན་པར་འདུ་བྱེད་པའོ། ། ༢ མིང་གི་བརྡས་འཛིན་པ། རྣམ་པ་གཉིས་སུ་རིག་པར་བྱ་བ་སྟེ། ཡི་གེ་མེད་པ་ལས་གྱུར་པ་འདི་ལྟ་སྟེ། འདི་ཅི་ཡིན། འདི་ཅི་ལྟ་བུ་ཡིན་ཞེས་བྱ་བར་འཛིན་པ་གང་ཡིན་པའོ། །ཡི་གེ་ལས་གྱུར་པ་ནི་འདི་ལྟ་སྟེ། འདི་ནི་འདི་དང་འདི་ལྟ་བུ་ཡིན་ཏེ། གཟུགས་ཞེས་བྱ་བའམ། རྣམ་པར་ཤེས་པའི་བར་ཞེས་བྱ་བའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བའམ། ལུང་དུ་མ་བསྟན་པ་ཞེས་པ་བྱ་བའམ། དེ་དང་དེ་ལྟ་བུ་ལ་སོགས་པར་འཛིན་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |