From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏེ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མཚམས་སྦྱར་བའི་ལྷག་བཅས་ལ་འཇུག་པ། བྱ་བ་བརྗོད་པའི་མིང་སྔ་ཕྱིའི་བར་དུ་མཚམས་སུ་སྦྱར་ཏེ་སྔ་མ་བྱེེད་པ་དང་ཕྱི་མ་བྱ་བའི་དོན་ཅན་དུ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ན་ར་ལ་ས་དང་ད་དྲག་བཅས་ཀྱི་མཐར་ཏེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཡི་གེ་བསླབས་ཏེ་ཤེས། མདའ་འཕངས་ཏེ་ཕོག། ཇ་བསྐོལ་ཏེ་འཁོལ་ལྟ་བུ།
|
ཏེ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
དམ་བཅའ་བའི་ལྷག་བཅས་ལ་འཇུག་པ། སྔ་མ་དམ་བཅས་པའི་དོན་དེ་ཚིག་དོན་ཕྱི་མས་གསལ་བར་བྱེེད་ཅིང་ལྷག་བཅས་ཀྱི་དོན་དང་ལྡན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ན་ར་ལ་ས་དང་ད་དྲག་བཅས་ཀྱི་མཐར་ཏེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཚིག་རྒྱན་ཏེ་ཚིག་མཛེས་པར་བྱེད་པའི་རྒྱན་ནོ། དཔེ་ཆོས་ཏེ་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ངག་རྒྱུན་ཞིག་གོ་ལྟ་བུ།
|
ཏེ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གཞན་འདྲེན་པའི་ལྷག་བཅས་ལ་འཇུག་པ། རྗོད་བྱེད་སྔ་མའི་འཕྲོར་འབྲེལ་མེད་ཀྱི་བརྗོད་བྱ་གཞན་ཞིག་དྲངས་ནས། ཚིག་སྔ་ཕྱིའི་དོན་ཐ་དད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ན་ར་ལ་ས་དང་ད་དྲག་བཅས་ཀྱི་མཐར་ཏེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ས་སྐྱའི་ལེགས་བཤད་ལས། ཁྱི་རྒན་འཛུམ་ན་དགའ་རྟགས་ཏེ། །གཤིན་རྗེ་འཛུམ་ན་གསོད་པའི་རྟགས། །ཞེས་པའི་ཏེ་སྒྲ་ལྟ་བུ།
|
ཏེ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
འགལ་བ་འདྲེན་པའི་ལྷག་བཅས་ལ་འཇུག་པ། བརྗོད་བྱ་སྔ་མའི་འཕྲོར་བརྗོད་བྱ་ལོག་པ་ཞིག་དྲངས་ནས་ཚིག་སྔ་ཕྱིའི་འགལ་བར་སྟོན་པ་སྟེ།
|
| Keyword
|
True
|
| Example
|
འགྲོ་རྒྱུ་ཟེར་ཏེ་སོང་བ་མེད་ལྟ་བུ།
|