20842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏོ་རེ་ལོང་བཙན་ (1)
Part of speech མིང་ཚིག
Definition ལོ་རྒྱུས་ཁ་ཤས་ཀྱི་ནང་རྒྱལ་ལྡེ་རེ་ལོང་བཙན་ཞེས་པའང་སྣང་། ལྡེ་སྤྲིན་བཙན་དང་ཡུམ་ཉེ་བཙུན་མང་མ་རྗེའི་སྲས། བོད་རྒྱལ་ཉེར་བཞི་པ་བཙན་ལྔའི་ཡ་གྱལ་ཏེ། འདི་ཡི་བློན་པོ་ཐོན་མི་འབྲིང་པོ་རྒྱལ། གནུབས་སྨན་ད་རེ། སྟོང་དར་རྗེ་རྣམས་ཀྱིས་བྱས་སྐད། ཞང་ཞུང་ཏ་ར་ལ་ཧ་རིས་སྐུ་བོན་བྱས་ཤིང་རྒྱལ་ཐོག་འདི་མན་ཆད་འབངས་དང་གཉེན་བསྲེས་ཞེས་གྲགས། འོ་མ་ལྡེ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། རྒྱལ་པོ་འདིའི་གཅུང་པོ་ལྟབ་ནག་བྱ་བ་ཐང་མཚམས་སུ་ཕབ། དེའི་རྒྱུད་ལ་ཞང་ལྔ་གཅུང་པ་ཞེས་གྲགས།