2096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ (1)
Part of speech མིང་ཚིག
Definition འདི་བ་ནི་རབ་བྱུང་བཅུ་བཞི་བའི་མེ་འབྲུག་ཕྱི་ལོ་ ༡༧༥༦ ལོར། ཁམས་སྡེ་དགེ་འབྲི་ཆུའི་རྒྱུད་བཀྲ་ཤིས་ལྷ་ལུང་ཞེས་པར། ཡབ་བདེ་ལེགས་འབྱུང་གནས་དང་ཡུམ་གཞན་ཕན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་བར་སྡེ་བ་འཇམ་དབྱངས་ཐུབ་བསྟན་ཉི་མ་སོགས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་གྲངས་ལྔ་བར་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། མདོ་དབུས་གཉིས་སུ་གཞུང་ཆེན་ཁག་ལ་གསན་སྦྱོང་རླབས་ཆེ་བ་མཛད། ཡོངས་འཛིན་ཕུར་ལྕོགས་སྤྲུལ་སྐུ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་བཞི་བ་ཕྱི་ལོ་ ༡༨༧༩ ལོར་བླ་བྲང་ཀྱཻ་རྡོར་གྲྭ་ཚང་བཏབ། ཕྱི་ལོ་ ༡༨༨༣ ལོར་ཚོགས་ཆེན་ཁྲིར་ཕེབས། འདི་སྐབས་སྐུ་འབུམ་བླ་གྲྭ་ནས་ཞུ་ནན་ཕུལ་བ་བཞིན་སྐུ་འབུམ་གྱི་ཁྲིར་ཕེབས། དགུང་ལོ་ཞེ་གསུམ་པར་རྒྱ་ནག་གོང་མ་ཀོང་ཤུས་ལ་མཇལ་ཕྲད་མཛད། དགུང་ལོ་ཞེ་བརྒྱད་པར་ཁམས་ཀྱི་གསེར་གཞུང་ཞེས་པའི་སར་དགོན་པ་བཏབ། དགུང་ལོ་ང་བཞི་བར་དབུས་སུ་ཕེབས་ཏེ་གནས་སྐོར་མཛད། དགུང་ལོ་ང་བརྒྱད་པར་ཕྱིར་མདོ་སྨད་དུ་ཆིབས་ཞབས་བསྒྱུར། དགུང་གྲངས་རེ་གཅིག་པ་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་བཞི་ཙམ་བཞུགས།