2098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར། ཁམས་ལི་ཐང་གྲོང་ཚོ་བརྒྱད་ཀྱི་ནང་ཚན་མཚོ་མ་གྲོང་ཞེས་པར། ཡབ་མགོན་པོ་དོན་འགྲུབ་དང་ཡུམ་གུ་རུ་ལྷ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་བར་པཎ་ཆེན་སྐུ་ཕྲེང་དགུ་བས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔ་བར་བཀྲ་ཤིས་འཁྱིལ་གྱི་ཆོས་ཁྲིར་མངའ་གསོལ། དགུང་ལོ་བཅུ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་མཛད། དགུང་གྲངས་ཉེར་གཅིག་པར་བླ་བྲང་དུ་པཎ་ཆེན་སྐུ་ཕྲེང་དགུ་བ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས། འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་སྦྱོང་མཛད། ཕྱི་ལོ་ ༡༩༤༣ ལོར་ཁྲུང་ཆིང་དུ་ཆེད་བསྐྱོད་ཀྱིས་ཅང་ཅེ་ཧྲིར་མཇལ་ཕྲད་མཛད། ཕྱི་ལོ་ ༡༩༤༥ ལོར་བླ་བྲང་དུ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་འཁྲབ་སྟོན་གྱི་སྲོལ་གསར་འཛུགས་གནང། ཕྱི་ལོ་ ༡༩༤༥ ལོར་རྙིང་མའི་སྔགས་པ་གྲྭ་ཚང་གི་འདུ་ཁང་གསར་བཞེངས་ལེགས་གྲུབ་བྱུང། དགུང་ལོ་སོ་གཉིས་པ་ཕྱི་ལོ་ ༡༩༤༧ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་གསུམ་བཞུགས།