20994
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ཕྱི་ལོ་ ༡༨༤༨ ལོར་མདོ་ཁམས་དཀར་མཛེས་སུ་འཁྲུངས། འདས་ལོ་མི་གསལ། ཆུང་དུས་ནས་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་བཅས་ལ་བྱང་བར་མཛད། དབུས་སུ་ཕེབས། གྲྭ་ས་ཆེན་པོའི་ཆོས་སྒོར་ཞུགས། གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ལྟར་རྒྱུད་སྨད་མཁན་པོའི་འགན་བཞེས། གསུང་རྩོམ་ནི་སྔོན་འགྲོའི་ཆོས་དྲུག་ནས་གསང་ཆེན་རིམ་གཉིས་བར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་བླངས་ཚུལ་ཐུགས་རྗེའི་ཞལ་གྱི་བུམ་བཟང་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་དང་པོའི་ཟིན་བྲིས་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ། ཞལ་གདམས་རང་རྒྱུད་དུག་གསུམ་འཇོམས་པའི་བདུད་རྩིའི་བུམ་བཟང་། མྱུར་ལམ་དམར་ཁྲིད་ཀྱི་ཟིན་བྲིས་གསེར་གྱི་ཤིང་རྟ། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་བདེ་ཆེན་མྱུར་ལམ། ཟབ་མོ་དབུ་མའི་ལྟ་ཁྲིད་བདག་འདྲེན་དགྲ་འཇོམས་བཅས་ཆོས་ཚན་བཅུ་བདུན་ལོངས་པའི་པོད་གཉིས་བཞུགས། |