21045
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་གཅིག་དུས་བཞིར་ཕྱེས་པའི་དུས་རེ་ལ་ཡོད་པའི་ཟླ་གསུམ་གསུམ་གྱི་གཞུག་མ་དག་སྟེ། དཔྱིད་ཟླ་གསུམ་གྱི་གཞུག་མ་འབྲུག་ཟླ་དང་། དབྱར་ཟླ་གསུམ་གྱི་གཞུག་མ་ལུག་ཟླ། སྟོན་ཟླ་གསུམ་གྱི་གཞུག་མ་ཁྱི་ཟླ། དགུན་ཟླ་གསུམ་གྱི་གཞུག་མ་ཕག་ཟླ་བཅས་བཞི་ཡིན། བརྩི་བྱ་སུ་ཞིག་གི་རང་སྐྱེས་ཟླ་བ་ཐ་ཆུང་འདི་བཞིར་གཏོགས་ན་ཡུལ་ཁང་འཕོ་སྐྱས་བྱེད་དགོས་འབྱུང་ཉེན་ཆེ། ཞང་པོའི་སར་ཐོག་མར་ནོར་དར་ཞིང་བར་དུ་གུད་ལ་མཐའ་མར་དར་གུད་དྲག་པོ་འབྱུང་། སྤུན་གྲངས་ཡ་མ་བྱུང་ན་དབང་པོ་ལྷག་ཆད་ཅན་ནམ་ཕ་མ་མི་གཅིག་པ་འབྱུང་ཉེན་ཡོད། རང་ཉིད་ལ་བུད་མེད་དང་བྱེ་བྲལ་གྱི་ངོ་བཅས་ཡོད་པས། བཅོས་སུ་མཎྜལ་བཞི་པ་དང་། བརྒྱད་སྟོང་པ། བསྐལ་བཟང་བཅས་འདོན་དགོས། |
Domain | རྩིས་རིག |
{{#arraymap:ཐ་ཆུང་བཞི་
|; |@@@ | | }}