From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐ་དད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
སོ་སོ་བའམ་གཅིག་མིན་པའི་ཆོས་ཏེ། ཡིད་ངོར་གཉིས་སུ་སྣང་རྒྱུ་ཡོད་པའི་དོན།
|
| Example
|
བསམ་སྤྱོད་ཐ་དད་པ། རང་བཞིན་ཀུན་སློང་ཐ་དད་པ་ལྟ་བུ།
|
ཐ་དད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། མི་ལྡན་འདུ་བྱེད་སྐལ་མཉམ་གྱི་དབྱེ་བ་གཉིས་ཀྱི་ཡ་གྱལ་ཏེ། སེམས་ཅན་དེ་དག་ཉིད་ཁམས་དང་ས་དང་འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་། ཕོ་དང་། མོ་དང་། དགེ་བསྙེན་དང་། དགེ་སློང་དང་། སློབ་པ་དང་། མི་སློབ་པ་ལ་སོགས་བྱེ་བྲག་སོ་སོར་ནང་མ་འདྲ་བར་བྱེད་པའི་རྫས་སོ། །
|
| Domain
|
ཆོས་ལུགས།
|