From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཉོན་མོངས་པ་ཆགས་སྡང་གཏི་མུག་གི་ཐ་བ་གསུམ་ཡོད་དེ། ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས། ཐ་བ་ནི་རྒྱུད་རེངས་པའམ་གྱོང་པ་སྟེ། ཀུན་བཏུས་ལས། ཆགས་སྡང་གཏི་མུག་གི་ཐ་བ་གསུམ་གསུངས་སོ། །
|
| Example
|
ཏིང་ངེ་འཛིན་གྱི་མདོ་ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ་ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་ཐོབ་པ་ནི་གནས་མེད་དོ། །ཞེས་པ་ལྟ་བུའོ། །
|
ཐ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ས་ཞིང་རེངས་པའམ་སྲ་མཁྲེགས་ཅན་གྱི་མིང་སྟེ། བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན་ལས། ཐ་བ་ནི་རེངས་པ་སྟེ་འཇིག་རྟེན་པའི་ཞིང་འདེབས་མ་ཐུབ་པར་ལོ་གཅིག་ལས་གཉིས་ལས་ཀྱིས་རྩྭ་སྔོན་གང་བ་ལ་རེངས་པ་ཟེར་ཞིང༌། ཞེས་གསུངས།
|
| Example
|
འདུལ་བ་གཞུང་དམ་པ་ལས། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བུམ་པ་སྟོང་གི་ས་བོན་བཏབ་པ་ཕུལ་བ་དེའི་ཐོག་ཟོས་ནས་ཞིང་ཡང་ཐ་བར་བོར་ཏེ་རྩྭ་ཀུ་ཤའི་གནས་སུ་གྱུར་ཏོ། །ཞེས་པ་ལྟ་བུ།
|