2111
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཆོས་ལུགས། མདོ། མངོན་པ། ཉོན་མོངས་གང་ཞིག་རང་དང་སྐལ་པ་མཉམ་པའི་ཁམས་ཀྱི་སྤང་བྱ་རིས་ལྔ་པོ་ཀུན་ལ་དམིགས་ཤིང་ཁྱབ་པར་འགྲོ་བ་སྟེ། མཆིམས་མཛོད་ལས། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་ཀུན་དུ་འགྲོ་བ་ཡིན་ཏེ། སྐལ་བ་མཉམ་པའི་ཁམས་ཀྱི་སྤང་བྱ་ཉོན་མོངས་ཅན་རིས་ལྔ་པོ་ཀུན་དུ་དམིགས་ཤིང་(དེ་དག་)སྐྱེད་(པའི་རྒྱུ་ཡིན་)པས་ཁྱབ་པར་འགྲོ་བའི་ཕྱིར་རོ། །ཞེས་གསུངས། བཀྲིས་ལྷུན་དཀྱིལ་ཁང་ཡིག་ཆར། ཕྲ་རྒྱས་དགུ་བཅུ་གོ་བརྒྱད་པོ་དེ་དག་ལ་ཀུན་འགྲོ་ཡིན་མིན་གྱི་ཁྱད་པར་ཡོད་དེ། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ལྟ་བ་ལྔ། རྒྱུ་སྟེ་ཀུན་འབྱུང་མཐོང་སྤང་དུ་གྱུར་པའི་ལྟ་བ་གཉིས་ཏེ་བདུན། དེ་དང་དེར་གྱུར་པའི་ཐེ་ཚོམ་གཉིས། དེ་དག་དང་མཚུངས་པར་ལྡན་པ་དང་། ཉོན་མོངས་གཞན་དང་མཚུངས་པར་མི་ལྡན་པའི་མ་རིག་པ་གཉིས་ཏེ་བཅུ་གཅིག་པོ་ནི་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ཏེ། རང་ཁམས་མཐའ་དག་ལ་དམིགས་པའམ་སྤང་བྱ་རིགས་ལྔ་གར་ལ་དམིགས་པའི་ཕྱིར། དེ་དག་ལས། འཇིག་ལྟ་དང་མཐར་ལྟ་གཉིས་མ་གཏོགས་པའི་གཞན་དགུ་ལ་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡང་ཡོད། དེ་དག་ཁམས་གོང་དུ་དམིགས་པ་ཡང་ཡོད་པའི་ཕྱིར། འདོད་ཆགས་ཁོ་ཁྲོ་ང་རྒྱལ་རྣམས་ནི་ཀུན་འགྲོ་མ་ཡིན་ནོ། །དེ་དག་གི་རང་སའམ་གོང་སའི་ཡུལ་དང་ས་ཐམས་ཅད་དམིགས་མི་ནུས་པའི་ཕྱིར། འོ་ན་ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཕྲ་རྒྱས་ཀུན་འགྲོ་དེ་དག་དང་ལྷན་གཅིག་ཐོབ་པ་གང་ཡིན་པ་དེ་དག་ཀྱང་ཀུན་ཏུ་འགྲོ་ཡིན་པའི་ཕྱིར། དེ་དག་གི་ཐོབ་པ་རྣམས་ཀུན་འགྲོ་ཡིན་པར་མ་གཏོགས་ཏེ། ཐོབ་བྱ་དང་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་མི་གཅིག་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ཀུན་འགྲོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ནམ་མཁའ་སྟེ། རྒྱུ་སྐར་དང་འདབ་ཆགས་སོགས་རྒྱུ་བའམ་འགྲོ་བའི་གོ་འབྱེད་པས་ན་དེ་ལྟར་བཏགས་པ་ཡིན། |
Type | མངོན་བརྗོད། |
{{#arraymap:ཀུན་འགྲོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྦྲུལ་ཏེ། ཕྱོགས་ཀུན་ཏུའམ་གང་སར་ལྟོ་བས་འཕྱེ་སྟེ་འགྲོ་བས་ན་དེ་ལྟར་བཏགས་པ་ཡིན། |
{{#arraymap:ཀུན་འགྲོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དབང་ཕྱུག་སྟེ། ཕྱོགས་ཀུན་ལ་རྒྱུ་ཞིང་འགྲོ་བའི་རང་དབང་དང་ལྡན་པས་ནའོ། ། |
{{#arraymap:ཀུན་འགྲོ་
|; |@@@ | | }}