21124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་རམ་ (1)
Part of speech མིང་ཚིག
Definition བྱ་སྤྱོད་ཐ་ཤལ་དང་ངན་པའི་དོན་ཏེ།
Example ཐ་རམ་གྱི་སྤྱོད་པ་མ་བྱེད། བྱ་སྤྱོད་ཐ་རམ་ཅན་དང་འགྲོག་མི་རུང་ལྟ་བུ།

{{#arraymap:ཐ་རམ་

|; |@@@ | | }}

ཐ་རམ་ (2)
Part of speech མིང་ཚིག
Definition ཞིང་རྒོད་ཐ་བ་དང་ལམ་ཁར་སྐྱེས་པའི་རམ་བུའི་རིགས་ཤིག་རོ་མངར་ལ་བསྐ་བ། ཞུ་རྗེས་བསིལ། ནུས་པས་འཁྲུ་བ་གཅོད། འབྲུམ་ནག་དང༌། མེས་ཚིག་པའི་རྨ་གསོ། གློ་ལུ་བ་འཇགས་པར་བྱེད།

{{#arraymap:ཐ་རམ་

|; |@@@ | | }}

ཐ་རམ་ (3)
Part of speech མིང་ཚིག
Definition རྩྭ་རམ་པ་སྟེ། རྒྱ་དཀར་ནག་ནས་འབྱུང་བ། ལེགས་སྦྱར་གྱི་སྐད་དུ་རུ་སེ་ད་ཟེར། རྩ་བ་ལ་ཕུག་འདྲ་བའི་ནང་ན་ཁོང་སྤུ་སྒ་སྐྱ་འདྲ་བ་ཡོད་པ། རོ་ཤིན་ཏུ་ཁའོ། །

{{#arraymap:ཐ་རམ་

|; |@@@ | | }}

ཐ་རམ་ (4)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་ཐུང་བ་ཨ་ར་འདྲ་བ་ཡོད་པ་དང༌། ལོ་མ་ལྗང་སྐྱ་ཅུང་ཟད་མཐུག་པ་མདུང་རྩེའི་དབྱིབས་ཀྱི་མདུན་ལྗང་ལ་ཁོད་མི་སྙོམས་པར་རྩ་རིས་གཞུང་དུ་རྒྱུག་པ་འབུར་ཞིང་རྒྱབ་ཏུ་མངོན་གསལ་དོད་པོ་ཡོད་ཅིང་མཐར་ཉག་ག་ཡོད་པ། ངར་པ་རིང་བ་བཞི་ལྔ་ཙམ་གཞི་རྩ་ནས་མཉམ་དུ་བགྲད་ནས་སྐྱེ་བར་མ་ཟད། སྐྱེ་གནས་དབང་གིས་ལོ་མ་ཆེ་ཆུང་དང་སྙིང་དབྱིབས་འདྲ་བ་ཡང་ཡོད། མེ་ཏོག་ཟིང་དཀར་ཤིན་ཏུ་ཆུང་བ་སྙེ་དབྱིབས་མེ་ཏོག་ཚགས་དམ་པ་དེ་ལོ་མའི་དབུས་ནས་སྡོང་པོ་ཕྲ་ལ་འདྲོང་བ་གསུམ་བཞི་ཙམ་སྐྱེ་བའི་སྟོད་ཆ་ནས་འཆར་ཞིང་འབྲས་བུའམ་འབྲུ་གུ་ཁམ་སེར་ཞིབ་ཅིང་མང་བ་ཡོད་པ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་ཀླུང་ཐང་དང༌། ལམ་གྱི་གཡས་གཡོན། ས་རྒོད་སོགས་སུ་སྐྱེ་བ་མང༌། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་ཚ་གྲང་གི་འཁྲུ་བ་དང༌། རྒྱུ་ལོང་གི་ཚད་པ་སེལ་བར་བྱེད་པ་ཡིན།

{{#arraymap:ཐ་རམ་

|; |@@@ | | }}