From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐ་རམས་ (1)
| Part of speech
|
མིང་ཚིག
|
| Definition
|
ཁ་གང་བའམ་གཏམས་པའི་དོན་ཏེ། གསར་རྙིང་བརྡའི་རྣམ་དབྱེ་ལས། ཐ་རམས་ནི་གཏམས་པ། ཞེས་འབྱུང་།
|
| Type
|
བརྡ་རྙིང་།
|
ཐ་རམས་ (2)
| Part of speech
|
མིང་ཚིག
|
| Definition
|
སྒོ་ལྕགས་སམ་འཆིང་བྱེད་ཀྱི་དོན་ཏེ། སྡོམ་པ་གསུམ་གྱི་གཏམ་རྒྱུད་ངོ་མཚར་ནོར་བུའི་ཕྲེང་བ་ལས། འབྲོས་པར་སྙམ་ཡང་ལྕགས་ཀྱི་ཐ་རམས་ཀྱིས་བསྡམས་ནས་མི་ཐར་བ་ཤིན་ཏུ་སྦྱོང་ངོ༌། །ཞེས་འབྱུང་།
|
| Example
|
བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ལས། སྒོ་མོ་དུང་ལས་བགྱིས་ནས་གདའ། །ཐ་རམས་ལྕགས་ལས་བགྱིས་ནས་གདའ། །ཞེས་པ་ལྟ་བུ།
|