21150

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་ཀྱི་དབང་གིས་བཞག་ཙམ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་སྟེ། རྗེ་ཙོང་ཁ་པའི་རྩ་ཤེས་ཊཱིཀ་ཆེན་ལས། ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ཞེས་པའི་ཙམ་གྱི་སྒྲས་ཀྱང་དོན་རང་གི་ངོ་བོ་ཡོད་པ་གཅོད་ཀྱི་ཚད་མས་གྲུབ་པ་མི་གཅོད་དོ། །དེ་བཞིན་དུ་མིང་དུ་བཏགས་པ་ཙམ་ཞེས་གསུངས་པའི་ཙམ་གྱི་སྒྲས་ཀྱང་མིང་མིན་པའི་དོན་ཡོད་པ་དང་དོན་ཚད་མས་གྲུབ་པ་ཡང་མི་གཅོད་ལ་མིང་གིས་གང་བཏགས་ཐམས་ཅད་ཐ་སྙད་དུ་ཡོད་པར་སྟོན་པ་ཡང་མིན་གྱི་དོན་རང་གི་ངོ་བོས་ཡོད་པ་གཅོད་དོ། །དེས་ན་རིན་ཆེན་ཕྲེང་བ་ལས། ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་མིན་པའི་ཡོད་པ་མི་སྲིད་ཀྱང་ཐ་སྙད་ཀྱི་དབང་གིས་གང་བཞག་ཐམས་ཅད་ཡོད་པ་མིན་ནོ། །དེ་ཡང་མཆོད་སྦྱིན་གྱིས་གཟུགས་མཐོང་ཞེས་པ་དང་། མཆོད་སྦྱིན་རྫས་ཡོད་ཀྱིས་མཐོང་ཞེས་པའི་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་ཇི་ལྟར་ཡོད་བཙལ་བས་ཅུང་ཟད་ཀྱང་མི་རྙེད་པ་ལ་ཁྱད་པར་ཅི་ཡང་མེད་ཀྱང། སྔ་མས་མཐོང་བ་ཐ་སྙད་དུ་མེད་པ་ལ་ཚད་མས་གནོད་ལ། ཕྱི་མས་མཐོང་བ་ཚད་མས་དགག་ནུས་པས་ཐ་སྙད་དུ་ཡོད་པ་ལ་ཚད་མས་གནོད་པའི་ཕྱིར་ཐ་སྙད་དུ་ཡོད་མེད་གཏན་མི་མཚུངས་སོ། །དེའི་རྒྱུ་མཚན་ཡང་རྫས་ཡོད་རིགས་པས་བཙལ་ན་རྙེད་དགོས་པས་དེས་མ་རྙེད་ན་དགག་ནུས་ལ་ཡོད་ཙམ་རིགས་པས་བཙལ་ན་རྙེད་དགོས་པ་མིན་པས་དེས་མ་རྙེད་པས་འགོག་མི་ནུས་པའི་ཕྱིར་རོ། །ཚུལ་དེ་ཡང་རིགས་པས་དཔྱད་མི་བཟོད་དང་རིགས་པས་གནོད་པ་དང་རིགས་ཤེས་ཀྱིས་མ་རྙེད་པ་དང་དེས་བཀག་པ་གཉིས་སོ་སོར་ཕྱེད་པ་ལ་རག་ལས་སོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms མིང་ཙམ བརྡ་ཙམ། རྟོག་པས་བཏགས་ཙམ། རྟོག་པས་བཞག་ཙམ། རྟོག་པའི་དབང་གིས་བཞག་ཙམ། མིང་བརྡས་བཞག་ཙམ། མིང་བརྡའི་དབང་གིས་བཞག་ཙམ། མིང་དུ་བཏགས་པ་ཙམ། མིང་གི་ཐ་སྙད་ཀྱི་དབང་གིས་བཞག་ཙམ། བློའི་དབང་གིས་བཞག་ཙམ།

{{#arraymap:ཐ་སྙད་ཀྱི་དབང་གིས་བཞག་ཙམ་

|; |@@@ | | }}