21156
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གལ་ཏེ་མིང་ཚིག་ཡི་གེའི་ཚོགས་དོན་དམ་དུ་དངོས་པོར་མེད་ན། བསྟན་བཅོས་བརྩམས་པ་དང་འཆད་པ་འཐད་པར་མི་འགྱུར་རོ་ཞེ་ན། དོན་ལ་དངོས་པོ་མེད་པའི་དབང་དུ་བྱས་ཀྱི་ཐ་སྙད་ཀྱི་ཞེན་ངོ་ལ་དངོས་པོ་ཡོད་པའི་ཕྱིར་དང་། ཞེན་ངོ་དང་མཐུན་པར་འཆད་རྩོད་རྩོམ་པའི་ཐ་སྙད་བྱེད་པས་ཉེས་པ་མེད་དོ། །བསྟན་བཅོས་རྩོམ་པ་དང་འཆད་པའི་ཚུལ་ཡང་། རྩོམ་པ་པོས་བསྟན་པར་འདོད་པའི་དོན་བསྟན་པའི་ཕྱིར་དུ་རྟོག་པས་ཡི་གེ་ཕན་ཚུན་སྦྱོར་བར་བྱེད་པ་ལས་དོན་གྱི་ངོ་བོ་སྟོན་པའི་ཆེད་དུ་བརྡ་སྦྱར་བའི་མིང་འབྱུང་ལ། མིང་དུ་མ་ཡོངས་སུ་སྦྱར་ནས་དོན་གྱི་ཁྱད་པར་བསྟན་པའི་ཕྱིར་ན་བརྡ་སྦྱར་བའི་ཚིག་འབྱུང་ལ། དེ་ནས་བསྟན་བཅོས་དང་། ཆོས་ཀྱི་ཕུང་པོའི་བར་དུ་འབྱུང་བ་ནི་ཇི་ལྟར་རྩོམ་པའི་ཚུལ་ལོ། །རྩོམ་པ་པོས་གོ་རིམ་ཇི་ལྟར་སྦྱར་བའི་ཚུལ་དང་མཐུན་པར་གཞན་གྱིས་བརྗོད་པར་བྱེད་པ་ལ་གཞན་གྱིས་བྱས་པའི་བསྟན་བཅོས་འཆད་པའི་ཐ་སྙད་འཇུག་པ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། |
Domain | ཚད་མ། |
{{#arraymap:ཐ་སྙད་ཀྱི་ཞེན་ངོར་འཆད་ཉན་འཐད་པ་
|; |@@@ | | }}