21158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། དགེ་ལུགས། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། དབུ་མ་ཐལ་འགྱུར་བས་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པར་འཇོག་པའི་དོན་ཡང༌། འཇིག་རྟེན་བླུན་པོ་རྣམས་ཀྱིས་ཡོད་པར་ཁས་བླངས་ན་ཡོད་པ་དང༌། མེད་པར་ཁས་བླངས་ན་མེད་པར་ཁས་ལེན་པའི་དོན་མ་ཡིན་ཏེ། སོ་སོ་སྐྱེ་བོ་དང་འཕགས་པ་སློབ་པའི་རྒྱུད་ལ་ཡོད་པའི་མ་བརྟགས་མ་དཔྱད་པར་འཇུག་པའི་བློ་ལྷན་སྐྱེས་དེའི་རྗེས་སུ་འབྲང་ནས་འཇོག་པ་ཡིན་པའི་ཕྱིར། ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པར་འཇོག་པ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པ་

|; |@@@ | | }}