21159
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སྔར་བཤད་པའི་འཁྲིག་ཚིག་སྨྲ་བ་སོགས་ཀྱི་ལྟུང་བ་བསྐྱེད་པ་ལ་ཡུལ་གྱི་ཡན་ལག་ཏུ་མི་ངེས་པར་དགོས་ཞེས་འཆད་པ་ནི་ཐ་སྙད་དུ་བྱ་བའི་ཁ་ན་མ་ཐོ་བ་སྔར་བསྟན་པའི་འཁྲིག་ཚིག་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དང། བརྫུན་སྨྲ་བ་དང། སྐྱོན་ནས་སྨྲ་བ་དང། དགེ་སློང་ལ་ཕྲ་མ་བྱེད་པ་དང། གནས་ངན་ལེན་བརྗོད་པ་དང། མིའི་ཆོས་བླ་མ་བརྗོད་པ་ལ་སོགས་པའི་ལྟུང་བ་རྣམས་ལ་མིའི་འགྲོ་བ་ཡན་ལག་ཏུ་དགོས་ཏེ། མིིའི་འགྲོ་བ་པ་ལ་ལྟུང་བ་ཡོངས་སུ་རྫོགས་པར་འགྱུར་ཞིང། འགྲོ་བ་གཞན་དུ་གཏོགས་པ་ལ་ནི་ན་སྨད་པར་འགྱུར་པ་ཡིན་ནོ། །ཞེས་པ་ལ་མིའི་འགྲོ་བ་ལ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །ཞེས་པ་འདི་བྱུང། འོ་ན་མིའི་འགྲོ་བ་པ་ཡིན་པ་ཙམ་གྱི་ཆོག་གམ་ཞེ་ན། མི་ཆོག་སྟེ། སྤྱིར་མི་ཡིན་པའི་སྟེང་དུ་སྨྱོ་བ་དང། སེམས་འཁྲུགས་པ་ལ་སོགས་པས་རང་བཞིན་ཉམས་པ་མ་ཡིན་པ་ནི་ཡན་ལག་ཏུ་དགོས་སོ་ཞེས་པ་ལ། རང་བཞིན་ཉམས་པ་ནི་མ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
Domain | ཆོས་ལུགས། |
{{#arraymap:ཐ་སྙད་ཀྱིས་བསྐྱེད་པའི་ཡུལ་གྱི་ཡན་ལག་
|; |@@@ | | }}