21160
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ལྟུང་བ་དངོས་གཞི་རྫོགས་པ་ལ་ངེས་པར་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་པའི་ལྟུང་བ། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བའི་ཡན་ལག་ནི། མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དང་ནི་དེ་དང་ལྡན་པ་ཉིད་དོ། །རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་གསུངས་པས་བསྟན་ཏེ། སྤྱིར་རྫུན་དུ་སྨྲ་བ་སོགས་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་དངོས་གཞིའི་ཡན་ལག་ཏུ་མིའི་འགྲོ་བ་པ་དགོས་པ་དང་། ཁྱད་པར་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་པ་མ་ཡིན་པ་གཅིག་དགོས་པ་དང་། མ་ནིང་དང་མཚན་གཉིས་པ་དག་ནི་ཉམས་པ་དེ་དང་ལྡན་པ་ཉིད་དེ་འདྲ་བར་འགྱུར་བ་དང་། རེག་པའི་ཕམ་ལྷག་ཀྱང་ནི་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་དང་འདྲ་བར་བསྟན་པ་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་
|; |@@@ | | }}