21170
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། འགྲེལ་པར། སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །ཞེས་གསུངས་ཏེ། ལུགས་འདི་ལ་རྨི་ལམ་གྱི་ཁམས་བཅོ་བརྒྱད་པོ་ཐམས་ཅད་འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཡིན་པས། འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པར་མཚུངས་ལ། དབུ་མ་པ་ལ་སད་པའི་ཡུལ་མེད་ཀྱང་ཡུལ་ཤེས་པ་ཡོད་པའི་དཔེར་རྨི་ལམ་བརྗོད་ན། དབུ་མ་པས་རྨི་ལམ་གྱི་གནས་སྐབས་སུ་ཡུལ་མེད་པར་ཡུལ་ཅན་ཤེས་པ་ཡོད་པར་ཁས་བླངས་དགོས་པ་ལས་མ་བླངས་པའི་ཕྱིར་ན་མི་འཐད་ཅེས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐ་སྙད་དུ་མེད་པའི་རྨི་ལམ་གྱི་ཁམས་
|; |@@@ | | }}