21175
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཐལ་འགྱུར་པ། དགེ་ལུགས། ཐ་སྙད་དུ་ཡོད་པར་འཇོག་པའི་རྒྱུ་མཚན་གསུམ་གྱི་ནང་གསེས་ཤིག་སྟེ། རྒྱུ་མཚན་དང་པོ་ཐ་སྙད་པའི་ཤེས་པ་ལ་གྲགས་པའི་དོན་དེ་ལ། ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་སྟེ། འདིའི་ཐ་སྙད་པའི་ཚད་མས་གནོད་ཚུལ་ནི། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ལས། ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་ནི། |
Example | ཐག་པ་ལ་སྦྲུལ་ལོ་སྙམ་པ་དང་སྨིག་རྒྱུ་ལ་ཆུའོ་སྙམ་དུ་འཛིན་པ་ན་ཡིན་ལུགས་ལ་ཇི་ལྟར་ཡིན་དཔྱོད་པ་མེད་པའི་བློས་བཟུང་བ་ཡིན་མོད་ཀྱང༌། དེས་བཟུང་བའི་དོན་ལ་ཐ་སྙད་པའི་ཚད་མས་གནོད་པས་དེ་དག་ཐ་སྙད་དུའང་མེད་པ་ཡིན་ནོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་
|; |@@@ | | }}