21179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་བདེན་པ་ཡིན་མིན་གྱི་རྣམ་གཞག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། གང་དག་མི་ཤེས་པའི་མ་རིག་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་དེ་ཁོ་ན་ཉིད་རྟོགས་པར་འདོད་པས་ཤིང་ལ་འཛེག་པར་འདོད་པ་གང་དག་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་བཟུང་བ་ལྟར་སྐྱེ་བོ་གནག་རྫི་ཡན་ཆད་ལ་ཡོངས་སུ་གྲགས་པ་ལས་འདས་ཤིང་དབུ་མའི་ལུགས་ཀྱང་མ་བཟུང་བར་ལྟ་བ་ངན་པའི་གཡང་སར་ལྟུང་བ་རྣམས་ཀྱིས་ཡོན་ཏན་གསུམ་གྱི་བདག་ཉིད་གཙོ་བོ་ལ་སོགས་པ་ཇི་ལྟ་བ་བཞིན་བརྟགས་པ་ལོག་པའི་ཀུན་རྫོབ་དང་། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའང་ཡུལ་གྱི་ངོ་བོ་ཉིད་དུ་བརྟགས་པའི་སྣང་བ་ལོག་པའི་ཀུན་རྫོབ་གང་ཡིན་དེ་དག་འཇིག་རྟེན་ལ་ལྟོས་ནས་ཀྱང་བདེན་པར་ཡོད་པ་མིན་པ་ཉིད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས། འཕགས་པའི་མཉམ་བཞག་ལ་ལྟོས་ནས་མཐོང་བ་བརྫུན་པར་བཞག་པའི་ཡུལ་ཐམས་ཅད་བློ་ཀུན་རྫོབ་པའི་ངོར་བདེན་པས་ཀུན་རྫོབ་བདེན་པ་ཡིན་པ་ཁྱད་པར་མེད་ཀྱང་། ཐ་སྙད་བདེན་པ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ལོག་པའི་ཀུན་རྫོབ་བདེན་པ་རྣམས་ནི་ཐ་སྙད་བདེན་པ་མ་ཡིན་ཏེ། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོོང་དུ་ཡོད་པའི་ལྷན་སྐྱེས་ཀྱི་བློ་རང་དགའ་བའི་ངོར་བདེན་པའི་ཐ་སྙད་མི་བྱེད་པའི་ཕྱིར། འོ་ན་ཀུན་རྫོབ་བདེན་པ་ཡང་མ་ཡིན་པར་མཚུངས་སོ་ཞེ་ན། དེ་ནི་གནད་མ་ཟིན་པ་སྟེ། མཐོང་བ་བརྫུན་པའི་ངོར་བདེན་པའི་ཕྱིར་མཐོང་བ་བརྫུན་པ་ལ་གཉིས་སུ་ཕྱེ་བའི་གཉིས་ཀ་མཐོང་བ་བརྫུན་པ་ཡིན་པར་ཁྱད་པར་མེད་ཅིང་། ཕྱི་མའི་ངོར་བདེན་པ་ཡང་། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །ཞེས་གསུངས་པས་བསྟན་པའི་ཕྱིར་རོ། །མདོར་ན་ལོག་པའི་ཀུན་རྫོབ་ཐམས་ཅད་ནི་ཀུན་རྫོབ་བདེན་པ་ཡིན་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་ནི་མི་འགྱུར། །ཞེས་དང་། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་པ་རྣམས་ཀྱིས་བསྟན་པའི་ཐ་སྙད་བདེན་པ་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་ལྟར་ཐ་སྙད་དུ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་གསུང་རབ་ཀྱི་བརྗོད་བྱ་ཐམས་ཅད་བདེན་པ་གཉིས་སུ་འདུས་པར་གསུངས་པའི་ཡ་གྱལ་གྱི་ཀུན་རྫོབ་བདེན་པ་ཡིན་ལ། ལོག་པའི་ཀུན་རྫོབ་རྣམས་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཏེ། དོན་དམ་བདེན་པ་རྟོགས་པའི་ཐབས་སུ་མི་རུང་བའི་ཕྱིར་རོ། །དེས་ན་འདིའི་གྲུབ་འབྲས་ལ། ཀུན་རྫོབ་བདེན་པ་ཡིན་ན་ཡོད་པས་མ་ཁྱབ་ཅིང་། ཐ་སྙད་བདེན་པ་ཡིན་ན་ཡོད་པས་ཁྱབ་ཅེས་དང་། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་མ་ཁྱབ་ཅིང་། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་ཅེས་འབྱུང་ངོ་། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐ་སྙད་བདེན་པ་ཡིན་མིན་གྱི་རྣམ་གཞག་

|; |@@@ | | }}