21185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་མང་དུ་ཐོས་པའི་ཆེ་བ་ (1)
Part of speech མིང་ཚིག
Definition ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། བདག་གིས་སྒྲ་དང་ཚད་མ་བསླབས། །ཚིག་གི་སྡེབ་སྦྱོར་རྣམས་ཀྱང་ཤེས། །རྒྱན་དང་མངོན་བརྗོད་ཕལ་ཆེར་གོ ། ཞེས་དང་། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། དེ་ལ་སྒྲ་ནི་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུ་ཀ་ལཱ་པ་དང། ཙཎྜ་པ་དང། དེ་དག་གི་མིང་གི་སྒྲ་བསྒྲུབ་པ་དང། སྒྲའི་བྱིངས་བསྒྲུབ་པ་དང། བྱེད་པའི་ཚིག་སྒྲུབ་པ་སོགས་སྒྲའི་བསྟན་བཅོས་ཡན་ལག་དང་བཅས་པ་ཐོས་པ་ཡིན་ནོ། །ཚད་མ་ནི་དོན་གྱི་འགལ་འགྲེལ་གཅོད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུ་ཚད་མ་ཀུན་ལས་བཏུས་པ་དང། དེའི་ཚིག་དོན་གཏན་ལ་འབེབས་པ་རབ་ཏུ་བྱེད་པ་སྡེ་བདུན་ཡན་ལག་དང་བཅས་པ་ཐོས་པ་ཡིན་ནོ། །སྡེབ་སྦྱོར་ལ་རྒྱུད་འཕེལ་དང། སྐྱེད་པ་གཉིས་ལས། དང་པོ་ལ་མཉམ་པ་དང། ཕྱེད་མཉམ་པ་དང། མི་མཉམ་པ་དང་གསུམ། ཕྱི་མ་ལ་འཕགས་པ་དང། རོ་ལངས་དང། ཕྱི་མོ་མཉམ་པ་གསུམ་སྟེ། དེ་དག་སོ་སོའི་རྣམ་པར་བཞག་པ་དང་བཅས་པ་ཐོས་སོ། །རྒྱན་ལ་སྙན་ངག་གི་མཚན་ཉིད་སྟོན་པར་བྱེད་པ་དང། དེ་དང་མི་འགལ་བར་སྟོན་པར་བྱེད་པ་གཉིས་ལས། དང་པོ་ལ་དབྱངས་ཅན་གྱི་མགུལ་རྒྱན་ལ་སོགས་པ་དང། གཉིས་པ་ལ་སྐྱེས་རབས་ལ་སོགས་པ་རྣམས་ཐོས་སོ། །མིང་གི་མངོན་བརྗོད་ནི་སོ་སོ་ཡང་དག་རིག་པའི་རྒྱུར་འགྱུར་བའི་མིང་གི་རྣམ་གྲངས། དེ་ལ་ཡང་འཆི་མེད་མཛོད་དང། སྣ་ཚོགས་གསལ་བ་ལ་སོགས་པ་ཐོས་སོ། །ཞེས་གསུངས་སོ། །

{{#arraymap:ཐ་སྙད་མང་དུ་ཐོས་པའི་ཆེ་བ་

|; |@@@ | | }}