21189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པའི་མཚན་ཉིད། (རྟགས་ཡང་དག་)གང་ཞིག །དགག་བྱའི་ཆོས་ཀྱི་དོན་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་ན་ཡོད་ན་དེ་དེར་ཕྱོགས་ཆོས་ཅན་གྱི་ཚད་མ་ལ་བལྟར་རུང་བ།
Example ལྟོ་ལྡིར་ཞབས་ཞུམ་གྱིས་དག་པའི་ས་ཕྱོགས་ན་བུམ་པ་མེད་པར་སྒྲུབ་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་རུང་མ་དམིགས་པ་བཀོད་པ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།

{{#arraymap:ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་

|; |@@@ | | }}

ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition དགའ་བྱང་རྟགས་རིགས་མཐའ་དཔྱོད་ཀྱི་ལས། དེ་སྒྲུབ་རྟགས་ཡང་དག་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེའི་ཐ་སྙད་ཙམ་ལ་ཤེས་འདོད་ཞུགས་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་པ་མི་སྲིད། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་

|; |@@@ | | }}