21190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་དབྱེ་བ་ (1)
Part of speech མིང་ཚིག
Definition དབྱེ་བ་བྱ་བའི་གཞི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ལ་སྡེ་ཚན་སོ་སོར་ཕྱེ་བ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བཞི་པ་ལ་ཡང་གསུམ་ལས། མཚན་གཞི་ནི། བྱས་པའི་འབྲས་བུར་གྱུར་པའི་སྐད་ཅིག་མ་དེ། བྱས་པའི་འབྲས་བུར་གྱུར་པའི་གཟུགས་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང། སྐད་ཅིག་མ་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང། སྐད་ཅིག་མ་དེ་སྒྲ་མི་རྟག་པ་མ་ཡིན་པ་ལས་ལོག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་དབྱེ་བ་

|; |@@@ | | }}