21193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་ལྔ་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཐ་སྙད་ལྔ་བཅུ་དང་བྲལ་གསུངས་པའི་བྲལ་ཚུལ་དང་སྦྱར་ནས་བགྲངས་ན། དཔྱོད་པ་ཐམས་ཅད་དང་བྲལ་བ། མཐའ་དང་དབུས་མི་དམིགས་པ། སྒྲོ་སྐུར་མེད་པ། བླང་དོར་མེད་པ། རྒྱུ་འབྲས་ལས་འདས་པ། ཡེ་ནས་དག་པ། ཡེ་ནས་ཟིན་པ། བྱ་བ་མེད་པ། བཙལ་བ་མེད་པ། བསྒྲུབ་ཏུ་མེད་པ། བརྩམ་དུ་མེད་པ། གཞན་ནས་མི་འབྱུང་བ། གཉེན་པོ་མེད་པ། བྱེད་པ་པོ་མེད་པ། མ་བྱས་པ། མ་བཏགས་པ། བདག་མེད་པ། མ་བཅོས་པ། མ་བསླད་པ། དེ་ཡིན་པ། ངེས་པ། མ་ནོར་པ། ཇི་བཞིན་པ། མ་འགག་པ། མ་སྐྱེས་པ། མི་ནུབ་པ། མི་རླག་པ། མི་སྣང་བ། མ་བྱུང་བ། མི་འགྲོ་བ། ཡེ་ནས་གནས་པ། ཀུན་ལ་ཁྱབ་པ། མིང་མེད་པ། གཟུགས་མེད་པ། མཚན་མ་མེད་པ། ཐ་སྙད་མེད་པ། བལྟར་མེད་པ། གཟུང་དུ་མེད་པ། མཚོན་དུ་མེད་པ། དཔེ་མེད་པ། ཚད་མེད་པ། བརྟག་ཏུ་མེད་པ། རྟོག་གེ་ལས་འདས་པ། དཔག་ཏུ་མེད་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། ཀུན་གྱི་འབྱུང་གནས། ཐམས་ཅད་ནས་ཐམས་ཅད་དུ་བཏང་སྙོམས་ཆེན་པོ། སྟོང་པ་ཉིད་རང་གི་རིག་པ་རང་བྱུང་བ་བཅས་ཏེ། འདིར་ཤད་རྐྱང་བརྩིས་ན་ཞེ་དགུ་ཙམ་ལས་མི་འདུག་པས། ཕལ་ཆེར་གོང་གི་མཐའ་དང་དབུས་མི་དམིགས་པ་གཉིས་སོ་སོར་བགྲང་བའམ་ཡང་ན་ཐ་མར་སྟོང་པ་ཉིད་རང་གི་རིག་པ་རང་བྱུང་བ་ཟེར་བ་དེ་གཉིས་སུ་བགྲང་དགོས་སམ་སྙམ།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཐ་སྙད་ལྔ་བཅུ་

|; |@@@ | | }}