21196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཐ་སྙད་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་མཚན་ཉིད། (རྟགས་ཡང་དག་)གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཐ་སྙད་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་ན་ཡོད་ཀྱང༌། དེ་དེར་ཕྱོགས་ཆོས་ཅན་གྱི་ཚད་མ་ལ་བལྟར་མི་རུང་བ། ཞེས་གསུངས།
Domain ཚད་མ།

{{#arraymap:ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་

|; |@@@ | | }}

ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition ཐ་སྙད་སྒྲུབ་ཀྱི་དགག་རྟགས་ཡང་དག རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (ཚུལ་གསུམ་ཚང་བའི་རྟགས་ཡང་དག་)གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མཚོན་བྱ་ཡིན་པ། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུའོ། །ཞེས་གསུངས།

{{#arraymap:ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་

|; |@@@ | | }}

ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེའི་ཐ་སྙད་ལ་ཤེས་འདོད་ཞུགས་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་དེ་སྒྲུབ་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་

|; |@@@ | | }}