21212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐག་ཆོད་ལྔ་ (1)
Part of speech མིང་ཚིག
Definition སེམས་སྟོང་པར་ཐག་བཅད། སེམས་ཀྱི་ངོ་བོ་བདེན་པར་མ་གྲུབ་པ་ངེས་ཤེས་སྐྱེས་པ་ཞིག་ལ་ཟེར། སྟོང་པ་ཆོས་སྐུར་ཐག་བཅད། སྟོང་པ་དེ་ཉིད་བེམ་སྟོང་ལྟ་བུ་མ་ཡིན་པར་འོད་གསལ་བའི་རང་བཞིན་ཅན་ཞིག་ཏུ་ཐག་ཆོད་པ་ཞིག་ལ་ཟེར། ཆོས་སྐུ་ལ་རྒྱུན་ཆད་མེད་པར་ཐག་བཅད། ཆོས་སྐུ་དེ་ཉིད་སྐྱེ་འགག་དང་སྔ་ཕྱིའི་མཐའ་གང་དུའང་མི་གནས་པར་གསལ་སྟོང་རྒྱུན་མ་ཆད་པར་ཐག་བཅད་པ་ཞིག་ཡིན། རེ་དོགས་མེད་པར་ཐག་བཅད། སྤང་བྱ་སྤོང་བ་དང་གཉེན་པོ་སྐྱེ་བ་དང་འདི་སྣང་གི་ཆོས་ལ་ཞེན་འཛིན་དང་བྲལ་བར་ཐག་བཅད་པ། སྤང་བླང་གི་རེ་དོགས་མེད་པ་ཞིག་ལ་ཟེར། འཁོར་བ་ལ་སྤང་བྱ་སྐྱོན་ཏུ་ལྟ་བ་དང་མྱང་འདས་ལ་བླང་བྱ་མཆོག་ཏུ་འཛིན་པ་མེད་པར་ཐག་བཅད་པ་ཞིག་ཡིན། འཁོར་འདས་མེད་པར་ཐག་བཅད་པ། འཁོར་བ་འདི་ཉིད་ཀྱི་གནས་ཚུལ་ཤེས་པ་ལས་ལོགས་སུ་མྱང་འདས་ཞིག་མེད་པར་ཐག་བཅད་པ། །སུ་ཁ་སིདྷིའི་ཕྱག་ཆེན་ངོ་སྤྲོད་འཇམ་མགོན་བླ་བྲང་ནས་སྤར་པའི་དེབ་གྲང་༢༤༠ནང་དུ་ཡོད།
Domain ཆོས་ལུགས།

{{#arraymap:ཐག་ཆོད་ལྔ་

|; |@@@ | | }}