21222

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐག་པ་བསྐྱེད་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། མཚོ་ཊཱིཀ་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་དེ་ཞེང་དཀྱུས་ཆེར་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་གིས་འཐག་ཏུ་འཇུག་པའི་སྦྱིན་བདག་དང་། གང་གིས་འཐག་པའི་ཐ་ག་པ་དང་། གང་འཐག་པ་བསྐྱེད་པའི་དངོས་པོའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་དོན་དུ་འཐག་པ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། སྦྱོར་བ་ནི་རང་ངམ་བསྐོས་པས་འཐག་པ་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་འཐག་པ་བསྐྱེད་པའི་གོས་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པས་བློས་སྤགས་པའི་རས་ཡུག་ལས་ཆེས་ལྷག་པ་ཐ་ག་པ་ལ་གླ་རྔན་ཅུང་ཟད་བྱིན་ནས་འཐག་ཏུ་བཅུག་སྟེ་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་དེ་ཡིན་ཏེ། སྦྱིན་པར་བྱེད་པའི་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །གྲུབ་པ་ན་དངོས་གཞིའོ། །ཞེས་དང་། ཞེང་ཆེ་ཐར་ཚེགས་བཟང་སོགས་དོན། །བསོད་སྙོམས་ཀྱིས་ནི་འདོད་མི་བསྐྱོད། །དེ་ལས་བྱེད་ན་སྡོམ་བརྩོན་ལ། །ཐོབ་པའི་ཚེ་ན་ལྟུང་བར་འགྱུར། །ཞེས་གསུངས་སོ། །འདི་ནི་ཉེར་དགས་ཐ་ག་པ་ལ་རས་ཡུག་འདི་དཀྱུས་རིང་བ་དང། ཞེང་ཆེ་བ་ཐགས་བཟང་བ་གྱིས་ཤིག་ཅེས་སྦྱིན་བདག་གི་བློས་སྤགས་པ་ལས་ལྷག་པ་བྱེད་དུ་བཅུག་པ་སོགས་ལ་བརྟེན་ནས་བཅས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐག་པ་བསྐྱེད་པའི་སྤང་ལྟུང་

|; |@@@ | | }}