21225
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ ཆོས་སྐུ་ཡེ་ནས་རང་ལ་གནས་པས་བཙལ་ཞིང་བསྒྲུབ་ཏུ་མེད་པར་ཐག་བཅད༔ བདེ་སྡུག་ཆོས་སྐུར་གནས་པས་བླང་ཞིང་དོར་དུ་མེད་པར་ཐག་བཅད༔ ཆོས་སྐུ་ལ་སྐྱེ་འགག་མེད་པས་རྒྱུ་དང་འབྲས་བུ་དང་བྲལ་བར་ཐག་བཅད༔ ཡིན་མིན་གྱི་གཟའ་གཏད་མེད་པས་སྒྲོ་སྐུར་ཡུལ་མ་ཡིན་པར་ཐག་བཅད༔ མ་བྱས་རྒྱུན་དུ་གནས་པས་རྣམ་རྟོག་གིས་སྦྱར་བ་མ་ཡིན་པར་ཐག་བཅད་དོ་གསུངས། |
| Domain | ཆོས་ལུགས། |