21232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐག་མཆོང་ (1)
Part of speech མིང་ཚིག
Definition བུད་མེད་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་དགའ་པོ་བྱེད་པའི་ལུས་རྩལ་སྦྱོང་བའི་ཐབས་སམ་རྩེད་མོ་ཞིག་སྟེ། འདི་ལ་རིང་ཐུང་གཞུ་འདོམ་ཁ་ཤས་ཡོད་པའི་ཐག་པའི་སྣེ་མོ་གཉིས་ལག་པས་འཇུས་ཤིང་དེ་ཡི་ཁུག་པར་མཆོང་བརྒྱབ་ནས་ཐག་མཆོང་རྒྱག་སྟངས་གཅིག་དང་། ཡང་སྣེ་མོ་གཉིས་མི་རེ་རེ་བྱས་ནས་བཟུང་ཏེ་མཉམ་དུ་སྐོར་གཡུགས་བྱེད་པའི་དབུས་སུ་མི་གཉིས་མཉམ་དུ་མཆོང་པའམ། ཡང་ན་མི་གཅིག་གིས་མཆོང་གི་ཡོད། ཐག་མཆོང་རྒྱག་པའི་སྐབས་གཡས་སྐོར་གཡོན་སྐོར་དང་། རྐང་པའི་འདེགས་འཇོག་བྱེད་སྟངས། མཆོང་གྲངས་མང་ཉུང་བཅས་འགྲན་པ་ཡིན། མཆོང་རྒྱག་སྐབས་གྲངས་ཀ་བརྩི་བྱེད་དུ་མཆོང་གཞས་སྙན་མོ་དེ་འདྲའང་གཏོང་རྒྱུ་ཡོད།

{{#arraymap:ཐག་མཆོང་

|; |@@@ | | }}