21276
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ས་ཁོད་ཡངས་ཤིང་སྙོམས་ལ་འབར་འབུར་སོགས་མེད་པའི་དོན་ཏེ། |
Keyword | True |
Example | ཡངས་པའི་རྩྭ་ཐང་གི་རྒྱན་ཆ་མེ་ཏོག ཐང་ཆེན་སྟེང་ནས་རྟ་རྒྱུག་བྱས་ལྟ་བུ། |
Synonyms | ཡངས་པ་ཅན། |
{{#arraymap:ཐང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ས་ངོས་རྗེན་པ་སྟེ། |
Keyword | True |
Example | ཐང་ལ་བསྡད། ཐང་ལ་གུར་ཕུབ་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཤ་སོགས་བཙོས་ནས་བཏོན་པའི་ཁུ་བའམ་བཟའ་ཆས་སྔོ་ལྡུམ་ལ་སོགས་ཀྱིས་བཟོས་པའི་ཁུ་བའི་རིགས་ཏེ། |
Example | གནམ་གཤིས་གྲང་མོའི་ནང་སྒོང་ཐང་ཚ་བོ་ཞིག་འཐུང་། རུས་ཐང་འཐུང་ན་གཟུགས་པོར་འཕྲོད་ལྟ་བུ། |
Foreign | རྒྱ་ནག |
{{#arraymap:ཐང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དུས་ཚོད་རིང་པོ་མ་ཡིན་པའམ་ཧ་ཅང་ཐུང་ངུའི་དོན་ཏེ། |
Example | སྐད་ཅིག་ཐང་ཅིག་གནས་འདིར་གཤེགས་སུ་གསོལ། ཞེས་པ་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐང་ག་ཞེས་པའི་བསྡུས་ཚིག་སྟེ། |
Example | བྲིས་ཐང་། གྱང་ཐང་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | དགག་སྒྲུབ་ཀྱི་ཚིག་གང་རུང་གི་མཇུག་ཏུ་སྦྱར་ཚེ་ངེས་གཏམ་མེད་པ་སྟོན་ཏེ། |
Example | ཡིན་ན་ཐང་། ཡོད་ན་ཐང་། མེད་ན་ཐང་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | དངུལ་དངོས་སོགས་ཀྱི་རིན་དང་འཛའ་སོགས་ཀྱི་མཐར་སྦྱར་ཚེ་རིན་གོང་གི་ཚད་གཞི་སྟོན་ཏེ། |
Example | ད་ལོ་བལ་སྒོར་གྱི་འཛའ་ཐང་བཟང་། དངོས་པོ་འདི་རིན་ཐང་ཆེ་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | གོ་དབང་སོགས་ཀྱི་མིང་མཐར་སྦྱར་ཚེ་གོ་གནས་དང་བསོད་ནམས་ཀྱི་ཁྱབ་ཚད་མཚོན་པའི་གྲོགས་བྱེད་དེ། |
Example | དབང་ཐང་ཆེ་བའི་བླ་མ། མངའ་ཐང་ཆེ་བའི་དཔོན་ལྟ་བུ། |
{{#arraymap:ཐང་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | ཆར་བ་སོགས་མི་འབབ་པར་གནམ་ངོ་དྭངས་པའི་དོན་ཏེ། |
Keyword | True |
Example | གནམ་ངོ་ཐང་ལུགས་ལ་བལྟས་ན་ཆར་བ་འབབ་མི་སྲིད་ལྟ་བུ། |
Transitive | བྱ་བྱེད་ཐ་མི་དད་པ། |
Verb Form | གཟུགས་མི་འགྱུར་བ། |
{{#arraymap:ཐང་
|; |@@@ | | }}